e-texts navigator
Collection
Volume
Page
Wylie

310b1 བསམ་པའི་བཅུ་པ་རྫོགས་སོ།། གླེད་གན་ནི་མལན་ཡོང་མའོ།། གང་གི་མ་རྒྱལ་པོ་གསལ་རྒྱལ་སར་འོད་པ་དག་ལོག་པ་དེའི་ཚེ་ཁྱིམ་བདག་མགོ་མེ་བྱས་ས
310b2 སོགས་ཏེ། དགེ་བསྙེན་རྣམས་ཀྱང་རྒྱལ་པོས་སྣང་ནས་དེར་དོང་ངོ་།། དེའི་འོགས་དགེ་འདུན་ལ་གསོས་པ་བཏབ་ནས་དྲག་སྡེ་རྣམས་དོང་ངོ་།། དེའི་ཚེ་དྲུག་སྐྱེ་དེ་རྣམས་ལ་ཞག་གཉིས་ཀྱི་མཛུལ་ལ་སྤྱོད་པའི
310b3 གཞི་བཅའ་བ་མཛད་དོ།། དེ་ནས་དུས་གཞན་ཞིག་ན་བཅུ་གཉིས་སྡེ་རྣམས་དམག་ཤོམ་པར་ཞག་གཉིས་ཀྱི་མཐར་གནས་པར་བྱེད་དོ།། གང་གི་ཚེ་དེ་དག་མངོན་སུ་ལྤགས་པ་དེའི་ཆོདགེ་སློང་མ
310b4 དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དགའ་མོ།། ཉེ་དགའ་མོ། སྡོམ་དགའ་མོ་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། ཁྱེད་ཅག་གང་ནས་འདྲིར་འོངས། གང་དུ་གནས།
310b5 དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་དམག་ཤོམ་པ་ལ་ཆོས་འཆང་དུ་དོང་སྟེ། དེ་ཉིད་དུ་གནས་སོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས
310b6 ཀྱིས་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱིས། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས
310b7 སྨྲས་པ་དང་། དོན་ཉུང་བའི་དག་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས




iiif viewer powered by OpenSeadragon

310a - 311a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa