| | e-texts navigator
|
309b1 བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གུང་རང་གི་ལག་གིས་བཟའ་བ་དང་བཅའ་བ། གཅེར་བུ་པ་འམ། གཅེར་བུ་མ་འམ་ཀུན་ཏུ་རྒྱུ་འམ།
309b2 ཀུན་ཏུ་རྒྱུ་མོ་ལ་སྦྱིན་པར་བྱེད་ན་ལུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། གཅེར་བུ་པ་ཞེས་བྱ་བ་ནི་གོས་མེད་པའོ།། གཅེར་བུ་མ་ཞེས་བྱ་བ་ཡང
309b3 གོས་མེད་པའོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་གྲངས་ཅན་ནོ།། ཀུན་ཏུ་རྒྱུ་མོ་ཡང་དེ་བཞིན་ནོ།། རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ།། བཟའ་བ་དང་བཅའ་བ་ཞེས་བྱ་བ
309b4 ནས་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལག་གིས་བཟའ་བ་དང་བཅའ་བ། ག་ཅེར་བུ
309b5 པ་འམ་ཞེས་བྱ་བ་ནས། ཀུན་ཏུ་རྒྱུ་མོའི་བར་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་ཕ་དང་མ་ཡིན་ན་ལྟུང་བ་མེད་དོ།། གལ་ཏེ་ལྟ་བར་སོང་བ་ཞིག་དབྲལ་བར་འདོད་ན་སྲུང་བ་མེད་དོ།། གལ་ཏེ
309b6 སྲོསློང་ར་དེ་ལ་འདི་སྐད་ཅེས། སྲོང་ཕོར་ས་ལ་ཞོག་ཅིག་ཅེས་བརྗོད་པར་བྱའོ།། གལ་ཏེ་བཞག་ར་སྦྱིན་པར་བྱའོ།། འོར་ཀེ་མ་བཞག་ན་སྦྱིན་པར་མི་བྱའོ།། ལྟུང་བྱེད་གསུམ་པོའི་དགུ་པ་རྫོགས་སོ།
309b7 གླེང་བཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས། དམག་ཤོམ་པོའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བ
iiif viewer powered by OpenSeadragon
309a - 310a