e-texts navigator
Collection
Volume
Page
Wylie

309a1 ཕྱིའི་ནི་ཁྲུས་བྱེད་པ་དང་། ཆག་ཆག་དང་། གོས་ལ་སོགས་པའི་བཀྲུབ་ཤལ་དང་། སྲེ་བ་དང་ག་འཚེད་པར་བྱེད་པ་དང་། བྱེད་དུ་འཇུག་པ་སྟེ། འདི་ནི་རྩའི་སྤྱོད་པ་ཞེས་བྱའོ།།
309a2 སོ་ཤིང་བཅའ་བ་དང་བཅང་བ་ཡང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས
309a3 དང་བཅས་པའི་ཆུར་འདུ་ཤེས་ནས། གཉིས་པོ་གང་ཡང་རུང་བར་སྤྱོད་ན་སྲུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང
309a4 བཅས་པར་འདུ་ཤེས་ནས། གཉིས་པོ་གང་ཡང་རུང་བར་སྤྱོད་པར་བྱེང་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དེ་བཞིན་དུ་སྲོག་ཆགས་དང་བཅས་པའི་ཡལ་ག་དང་།
309a5 སྡོསྦོ་མ་དང་། འབྲས་བུ་ལ་སོགས་པ་ཡང་བརྗོད་པར་བྱའོ།། ལུང་བྱེད་གསུམ་པའི་བརྒྱད་པ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས
309a6 ཀྱིས་ཀུན་དགའ་བོ་ལ་བརྟེན་ནས། གཅེར་བུ་པ་དང་གཅེར་བུ་མའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་བཟའ་བ་དང་བཅའ་བ།། གཅེར་བུ་པ་དང་།
309a7 གཅེར་བུ་མ་རྣམས་ལ་སྦྱིན་པར་བྱེད་པ་དང་། དོན་རུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ།




iiif viewer powered by OpenSeadragon

308b - 309b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa