| | e-texts navigator
|
301b1 ལུང་བ་མེད་དོ།། འདུག་གནས་སུ་ཟ་ལ་གཞན་དུ་གནས་པར་བྱེད་ན། འདུག་གནས་སུ་ཟ་བར་བྱེད་ན་དེ་ལ་ལུང་བྱེད་དོ།། གཞན་དུ་གནས་པར་བྱེད་པ་ལ་སྲུང་བ་མེད་དོ།། གཞན་དུ་གནས།
301b2 པར་བྱེད་ཅིང་། གཞན་དུ་ཟ་ན་གཉིས་ཀ་ལ་སྲུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་བཅུ་པ་རྫོགས་སོ།། ། སྡོམ་ནི། འདུར་བ་ཟ་དང་སྤོབས་པ་དང་། དུས་དང་དུས
301b3 མིན་རྣམ་པ་གཉིས་གསོག་འཇོག་མ་བྱིན་ལྔ་པ་ཡིན། སྲོག་ཆགས་བཅས་པ་དག་དང་ནི་གཅེར་བུ་དམག་ལ་ཞག་གཉིས་ལྡག། ཚོགས་ལ་ལྟ་བར་བྱེད་པའོ།། གླེང
301b4 གཞི་ན་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་པ
301b5 ལས། ཛཾ་ཙམ་ན་བུ་མོ་གཡས་ཞར་མ་ཞིག་བཙས་ཏེ་ཞེས་བྱ་བ་ནས། ཆུང་མ་གསོད་པ་ཞེས་བྱ་བས་བསླངས་ཏེ་ཞག་དུས་བཏབ་བོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དེའི་ཆེད་དུ་ཕལ་མོ་ཆེ།
301b6 ཆེ་དག་སྟ་གོན་བྱེད་དོ།། ཅི་ཙམ་ན་ཁྱིམ་དེར་དགའ་བོ་དང་ཉེ་དགའ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས།
301b7 འདི་སྐད་ཅེས་སྨྲས་སོ།། བདག་གློ་བ་བྲེལ་ཞིག་མཆིས་སོ།། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་ཞིག་བྲེ་ལ་དེས་འདི་སྐད་ཅེས་སྨྲས་སོ།། གཡས་ཞར་མ་རྫོང་པ་ལ་བབ
iiif viewer powered by OpenSeadragon
301a - 302a