e-texts navigator
Collection
Volume
Page
Wylie

299b1 དག་ནི་བྱ་བ་སྟེ།། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་གིས
299b2 གནས་ཁང་དང་། ར་བ་དང་། སྒོ་ཁང་ལ་སོགས་པ་བྱ་བར་བརྩམས་སོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་འདི་སུ་བུའི་བསོད་ནམས་ཀྱིས་ཕུང་པོ་ལས་ཡོངས་སུ་འམས
299b3 སོ་སྙམ་དུ་བསམས་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཚོང་དཔོརན་གྱི་ཆུང་མ་ཞིག་གིས་དྲུང་དུ་སོང་ནས་སོན་པ་དང་། འདི་སྐད་ཅེས་སྨྲས་སོ།།
299b4 མཚན་བཟངས་མ་ནད་མེད་པར་གྱུར་ཅིག། དེ་ན་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོའི་ཕྱིར་སྟན་བཏིང་ངོ་།། དེ་ནས་སྦོམ་དགའ་མོ་སྐན་བཏིང་བ་ལ་འདུག་གོ།། འདུག་ནས་རྫས་ལས
299b5 བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འདུན་གྱི་མདོ་རྒྱས་པར་རྣམ་པར་ཕྱེ་བས། ཁྱིམ་བདག་གི་ཆུང་མ་དེ་དད་པར་བྱས་ནས། སྐབས་འབྱེད་དུ་བཅུག་གོ་ཞེས་བྱ་བ་ནས། དེས་སྨྲས་པ།
299b6 གཙུག་ལག་ཁང་གི་རྒྱུ་ཅུང་ཟད་ཅིག་བྱིན་ཅིག་ཅེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་དེ་ལ་སྟོར་ཁུང་ཡང་མེད་ཆུ་ཁུང་ཡང་མེད་པ། སྦྱང་གི་དབྱིབས་ལྟ་བུ་ཞིག་བརྩིག
299b7 པར་བརྩམས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བཅོམ་ལྡན་འདས་ཀྱིས་སྒོ་ཁང་དང་། གཏན་པའི་གནས




iiif viewer powered by OpenSeadragon

299a - 300a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa