| | e-texts navigator
|
299a1 འགྱུར་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ།། ཆུ་དེས་ཞེས་བྱ་བ་ནི་ཆུས་རྩཝ་འམ། ས་འམ། འཇི་བ་འམ། རྩི་བ་འམ། ལུང་ལའོ།། འདེབས་སམ།
299a2 ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འདེབས་སུ་བཅུག་ན་ཞེས་བྱ་བ་ནི་གཞན་དག་གོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྲོག
299a3 ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པའི་ཆུར་འདུ་ཤེས་ཏེ། འདེབས་སམ་འདེབས་སུ་འཇུག་ན་ལུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས
299a4 སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས། འདེབས་སམ་འདེབས་སུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས
299a5 ཡུར་བ་འཛིན་པར་བྱེད་ན། དེར་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་སྲུང་བྱེད་དུ་འགྱུར་རོ།། ཇི་སྙེད་མ་ཤི་བ་དེ་སྐད་ཀྱི་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་རྒྱུན་གཅོད་པར་བྱེད་པ་དང
299a6 ཞིང་གི་དཀའ་གཅོད་པ་དང་། འགོག་ཅིང་གཏོང་བ་སེ། ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། སུང་བྱེད་གཉིས་པའི་བརྒྱད་པ་རྫོགས་སོ།། ། གེ་སློང
299a7 མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་བཅོ་བརྒྱད་པ།། གླེང་གཞི་ནི་མཚན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིསན་བསོད་ནས
iiif viewer powered by OpenSeadragon
298b - 299b