| | e-texts navigator
|
286b1 དང་ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་མང་པོ་གཅོད་ན། དེ་ལ་ཉེས་བྱས་གཉིས་དང་ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་མང་ངོ་།།
286b2 གཅོད་ན། དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་མང་པོར་འགྱུར་རོ།། དགེ་སློང་མས་རྩ་སྔོན་པོ་ལ་སྔོར་པོར་འདུ་ཤེས་པས་རྔ་ན་ལྟུང་བྱེད་དོ།། རྔར་འཇུག་ན་ལྟུང་བྱེད་དོ།། སྔོན་པོ་ལ་ཡིད་གཉིས་ཟ་བ་ས་ཏྲ
286b3 ན་ལྟུང་བྱེད་དོ།། རྔར་འཇུག་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོའི་འདུ་ཤེས་པས་རྔ་ན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་བྱས་སོ།། སྐམ་པོ་ལ་ཡིད་གཉིས་ཟ་བས་རྔ་ན་ཉེས་བྱས་སོ།། རྔར་འཇུག
286b4 ན་ཉེས་བྱས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་རྩ་གཅིག་རྔ་ན། དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག་གོ། དེ་བཞིན་དུ་གཉིས་ལ་ཡང་བརྗོད་པར་བྱའོ།། དེ་བཞིན་དུ་མང་པོས་རྩཝ་གཉིས
286b5 ལ་ཡང་བརྗོད་པར་བྱའོ།། ཇི་ལྟར་ཤིང་ལྗོན་པ་ལ་བརྗོད་པ་དེ་བཞིན་དུ་རྒྱས་པར་རྩཝ་མང་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མས་ཤིང་ལྗོན་པའི་རྩ་རྒྱུན་འབྱིན་ན་ཉེས་བྱས་སོ།། ཟི་ཤུན
286b6 འཆུ་ན་ཉེས་བྱས་སོ།། ཕྲི་འཆུ་ན་ཉེས་བྱས་སོ།། ནང་ཤུན་འཆུ་ན་ཉེས་བྱས་སོ།། སྙིང་པོ་འབྱིན་ན་ལྟུང་བྱེད་དོ།། ལོ་མ་སྐྱ་བོ་ན་ཉེས་བྱས་སོ།། ལོ་མ་རློན་ན་སྲུང་བྱེད་དོ།། མེ་ཏོག་ཁ་བྱེན་ཉེས་བྱས་སོ།།
286b7 ཁ་མ་བྱེ་ན་ལྟུང་བྱེད་དོ།། འབྲས་བུ་སྨིན་ན་ཉེས་བྱས་སོ།། འབྲས་བུ་མ་སྨིན་ན་ལྟུང་བྱེད་དོ།། རྩཝ་ཉམས་པར་གྱུར་ཅིག། རྩ་བ་རབ་ཏུ་ཉམས་པར་གྱུར་ཅིག་ཅེས། རྩཝ་སྔོན་པོའི་སྟེང་དུ་འཆག་པར
iiif viewer powered by OpenSeadragon
286a - 287a