| | e-texts navigator
|
284a1 དགེ་སློང་མས་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས
284a2 ཟ་ན་ཉེས་བྱས་སོ།། དགེ་སློང་མས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་སུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་སུང་བྱེད།།
284a3 དོ།། དགེ་སློང་མས་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།།
284a4 དགེ་སློང་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང
284a5 མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། རྩ་བའི
284a6 ས་དོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི་ས་བོར་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག
284a7 ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན།
iiif viewer powered by OpenSeadragon
283b - 284b