e-texts navigator
Collection
Volume
Page
Wylie

281b1 སོར་ཐར་པའི་མ་གདོན་པ་ལས་བཏོད་པས་ཞིག་བྱ་ཞེས་ཟེར་ནལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཐོམ་དགའ་མོའོ།། ཟླབ་བྱེད་བྱེད་ཅིང་ཞེས་བྱ་བནི་ཐུབ་བྱེད་བྱེད་ཅིང་།
281b2 སོ་སོར་ཐར་པ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་ཞེས་བྱ་བ་ནས། ལུང་བྱེད་བརྒྱ་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་།
281b3 རྩོད་པ་ཞི་བར་བྱེད་པ་བདུན་དང་། འདུལ་བ་གཞི་བཅུ་བདུན་དང་། ཕྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག
281b4 པ་དང་། ཉེ་བར་འཁོར་གྱིས་ཞུས་པ་ལས་འབྱུང་བའོ།། མདོ་ཞེས་བྱ་བ་ནི་ལེགས་པར་སྦྱར་བའོ།། གདོན་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ།། ཕུ་ནུ་མོ་དག་འདི་དག་ཅི་དགོས་ཞེས
281b5 བྱ་བ་ནི་གང་ལ་གང་ཟག་མངོན་ཞིང་གྲོང་དང་། ཞིང་དང་། གཞི་ཡང་མངོན་པ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། ཡིད་མི་བདེ་བ་དང་། གནོད་པ་དང་། གདུང་བའོ།། སུ
281b6 བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཟླ་བ་བྱེད་བྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོད་པ་ན། དགེ་སློང་ས་རྣམས།
281b7 ལ་འདི་སྐད་ཅེས། སུ་རུ་མོ་ཇི་ཙམ་གྱིས་དགེ་སློང་མ་རྣམས་འགྱེད་པར་གྱུར་པའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཟ་བ་འདི་དག་ཅི་དགོས་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ།། ཡིད་ལ་གཅགས་པ་དང་། ཡིད་མི




iiif viewer powered by OpenSeadragon

281a - 282a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa