| | e-texts navigator
|
272a1 དེ་ནས་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་བདག་ཅག་ལ་ཆོས་ཆུང་ངུ་བསྟན་པ་དེ་ལྟར་བདག་ཅག་གིས་བསོད་སྙོམས་ཀྱང་ཉུང་ངུ་འབུལ་ལོ།།
272a2 དེ་ལྟར་བསོད་སྙོམས་ཀྱིས་འཕོངས་པར་གྱུར་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིག་དྲུག་གི་ཆོས་བསྟན་པར་བྱའོ་ཞེས
272a3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ན། དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་མིག་ནི་མི་རྟག་གོ།། ཁྱིམ་བདག་རྣ་བ་དང་། སྤུ་དང་། སྐྱེ་དང་། ལུས་དང
272a4 ཡིད་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་ཚིག་དྲུག་གི་ཆོས་བསྟན་པར་བརྩམས་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚིག་ལྔ་གང་ཡིན
272a5 པ་དེ་དྲུག་པར་བྱས་འདོད་ཅིགཚིག་དྲུག་པས་ཆང་ནི་མ་འཐུངས་སྒོག་སྐྱ་ནི་མ་ཟོས་ན་ཉེས་པ་ཅི་ཡོད། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་བྱས་པ་ལ། ཚིག་བདུན་པར་འདས་པར་བྱེད་པའི
272a6 སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བསྟན་ཏོ་ཞེས་བྱ་བ་ནས། བསོད་སྙོམས་ཀྱིས་འཕོངས་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས
272a7 བཀའ་སྩས་པ། སྐྱེས་པ་ལ་ནི་བུད་མེད་དང་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་དེ་རྣམས་བསོད་སྙོརྣམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཁྱིམ་དེ་དག་ཏུ། ཁྱིམ་བདག་རྣམས་ལ་འདི་སྐད
iiif viewer powered by OpenSeadragon
271b - 272b