| | e-texts navigator
|
270b1 བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདྲ།།
270b2 ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱུང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི
270b3 ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱུང་བ་ལ་ཤད་ཀྱིས་བྱུང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ
270b4 ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མ་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མ་གཉུག་མར་གནས་པ་དང་ཀ་ལས་བྱེད་པ་དང་། འདུན
270b5 བ་འབུལ་བ་དང་། ལྟ་བ་སྨྲ་བ་དང་། ལྔ་པ་ནི་གློ་བུར་དུ་འོངས་པའོ།། དགེ་སློང་མ་གཉུག་མར་གནས་པ་གང་ཞེ་ན། གང་གིས་རྩོད་པ་དེའི་ཐོག་མ་དང་། བར་དང་། ཐ་མ་དག་ཤེས་པའོ།། ལས་བྱེད
270b6 པ་གང་ཞེ་ན། གང་གིས་དེར་ལས་བྱས་པར་འགྱུར་བའོ།། འདུན་པ་འབུ་ལ་གང་ཞེ་ན། གང་གིས་དེར་རང་གིས་འདུན་པའི་བུལ་བར་འགྱུར་པའོ།། ལྟ་བ་སྨྲ་བ་གང་ཞེ་ན། གང་གིས་དེར་འདི་ནི་བདག་བཟོད།།
270b7 དོ།། འདི་ནི་མི་བཟོད་དོ།། འདི་ནི་བདག་འདོད་དོ།། འདི་ནི་མི་འདོད་དོ་ཞེས་རང་གིས་སྦ་བ་འརྗོད་པར་གྱུར་པའོ།། གློ་བུར་དུ་འོངས་པ་གང་ཞེ་ན། དེར་གང་གིས་ཐོག་མ་དང་། བར་དང་ཁམ་དག་མི་ཤེས
iiif viewer powered by OpenSeadragon
270a - 271a