| | e-texts navigator
|
254b1 པ་དང་། འཚོ་བ་ཉམས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ།། བརྫུན་དུ་སྦ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཟོས་པ་དང་དོགས་པ་སྟེ
254b2 འདི་ནི་བརྫུན་དུ་སྦ་བ་རྣམ་པ་གསུམ་ཡིན་ནོ།། གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་སྟེ། བརྫུན་དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲ་བར་བྱའོ་སྙམ་པ་དང
254b3 སྦ་བ་ན་འདི་སྙམ་དུ་བདག་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྦས་པ་ན་འདི་སྙམ་དུ་བདག་གིས་བརྫུན་སྦས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྦ་བ་རྣམ་པ་གསུམ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ
254b4 བ་གཉིས་གང་ཞེ་ན། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྐམ་པ་དང་། བརྫུན་སྨྲས་པ་ན་དེ་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་སྟེ་འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གཉིས
254b5 ཡིན་ནོ།། བརྫུན་དུ་སྨྲ་བ་ལ་གཅིག་པུ་འབའ་ཞིག་ནི་མེད་དོ།། བརྫུན་དུ་སྦ་བ་ལས་ཕས་ཕམ་པར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། བརྫུན་དུ་སྦ་བ་སྦོམ་པོར
254b6 འགྱུར་བ་ཡང་ཡོད། བརྫུན་དུ་སྦ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། བརྫུན་དུ་སྦ་བ་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ།། བརྫུན་དུ་སྦ་བ་ཕས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང
254b7 མས་མིའི་ཆོས་བླ་མ་མེད་བཞིན་དུ་སྨྲ་བ་སྟེ། འདི་ནི་བརྫུན་དུ་སྨྲ་བ་པས་ཕམ་པར་འགྱུར་བ་ཡིན་ནོ།། བརྫུན་དུ་སླ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གཞི་མེད་པར།
iiif viewer powered by OpenSeadragon
254a - 255a