| | e-texts navigator
|
254a1 བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཀྱང་ཡོད་དོ།། བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན་། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། སྲུང
254a2 བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ།།
254a3 བརྫུན་དུ་སྦ་བ་རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞི་མེད་པར
254a4 མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་མ་བརྫུན་དུ་སླ་བར་འདོད་པ་འདི་སྙམ
254a5 དུ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ
254a6 པ་དྲུག་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་།
254a7 ཉེས་བྱས་ཀྱིས་ཏེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས
iiif viewer powered by OpenSeadragon
253b - 254b