| | e-texts navigator
|
253b1 བྱེ་རྣམས་རྫོགས་སོ།། ། བམ་པོ་བཅོལྔ་པ།། ད་ནི་ལུང་བྱེད་རྣམས་སྨྲ་བར་བྱསྟེ། བསྡུས་པའི་སྒོམ་ནི།། ཤེས་བཞིན་དང་ནི་ས་བོར་དང
253b2 དེ་བཞིན་ཁུ་ར་བ་ཉིད་དང་ནི།། ཐལ་མོས་རྡེགས་དང་ཆེད་བསམས་དང་།། རྐུན་མ་དབང་ཆེན་ཉིད་དང་ངོ་།། ། སྡོམ་ནི། ཤེས་བཞིན་དང་ནི་སྐྱོན་ནས་རྔུ།། ཕྲ་མ་དང་ནི་སྐྱོ་སྔོགས་དང
253b3 སྐྱེས་པ་ལ་སྟོན་ཆོས་དང་ནི།། ཡིད་འོངས་བསླབ་པ་ཁྱད་གསོད་པའོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས
253b4 སོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ཤེས་བཞིན་དུ་དགེ་སློང་མ་རྣམས་ལ་བརྫུན་སྨྲས་པས་མཐོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་།
253b5 དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཤེས་བཞིན
253b6 བརྫུན་སྨན་ལྟུང་བྱེད་དོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ།། བརྫུན་སྨ་ན་ཞེས་བྱ་བ་ལ། བརྫུན་དུ་སྦ་བ་རྣམ་པ་བརྒྱད་ཀྱང་ཡོད། བརྫུན་དུ་སྨྲ
253b7 བ་རྣམ་པ་བདུན་ཡང་ཡོད་བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཀྱང་ཡོད། བརྫུན་དུ་སྦ་བ་རྣམ་པ་ལྔ་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡང་ཡོད།
iiif viewer powered by OpenSeadragon
253a - 254a