| | e-texts navigator
|
252b1 གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ་།། དེ་ནས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས། གཙུག་དགའ་མོ་རྒྱ་རིང་པོ་ལོ་ན་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། པགི་སུ་ཞིག་ཡིན། ནོར་ཅན་གྱི
252b2 འམ་ཀ་ཚོང་དཔོན་གྱི་འམ། དེད་དཔོར་གྱི་བུ་མོ་ཞིག་འོངས་པར་གྱུར་ཏམ་ཀ་གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མ་གཙུག་དགའ་མོ་ཡིན་ནོ།། དེ་རྣམས་ཀྱིས་བལྟས་ནས་འདི་སྐད་ཅེས
252b3 སྨྲས་སོ།། འདི་ལྟ་སྟེ། སེང་རས་གྱོན་པ་འདི་ནི་དགེ་སློང་མ་རྣམས་ལ་མཛེས་པ་མ་ཡིན་ནོ་ཞེས་སྐྲོད་པར་བྱེད། བྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ནི་དོན་ཉུང་བའི་དགེ་སློང་མ་རྣམས་སློང་པར་བྱེད་པ
252b4 སྐབས་དེ་དགེ་སློང་མ་རྣམས་ཀྱིས་རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་ཀ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི
252b5 དང་། གཞི་འདི་དང་། སྐབས་འདི་ལ་ངའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་བ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བར་བྱ་བའི་ཕྱིར། གཉིས་ཀའི་དགེ
252b6 འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ། མི་མཁྱེན་པར་མ་ཡིན་གྱིས་མཁྱེན་བཞིན་དུ་རྨེད་པ་ཡིན་པས་ཞེས་བྱ་བ་ནས
252b7 དགེ་སློང་མ་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་འདི་ལྟེ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ།། བཙུན་པ་མང་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤོང་བར་མཛད་དེ། དགེ།
iiif viewer powered by OpenSeadragon
252a - 253a