| | e-texts navigator
|
250b1 བསླབས་ཏེ། བདག་ཉིད་ཀྱི་ལའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལུང་བྱེད་དོ།། ཡང་དགེ་སློང་མ་གྲང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་མའི་ཕྱིར་ཞེས་བྱས།
250b2 ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའི་འོ།། རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།།
250b3 སླངས་ཏེ་ཞེས་བྱ་བ་ནི་ཕ་རོལ་ལས་སོ།། ཁའོ་ཞེས་བྱ་བ་ནི་ཁའི་བཟའ་བར་རོ།། བྱིན་གྱིས་རློབ་པར་བྱེད་ན་ཞེས་བྱ་བ་ནི་ལྐོག་མར་མེད་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།།
250b4 དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ
250b5 འགྱུར་རོ།། སྤང་བའི་སྲུང་བྱེད་སུམ་ཅུ་གཅིག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས། ལ་བ་རིན་པོ་ཆེ་ཞིག་རྒྱས
250b6 བོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས
250b7 ལ་བ་རིན་པོ་ཆེ་དེ་དེ་ལ་བྱིན་ནོ།། དེས་ཀྱང་ལ་བ་རིན་པོ་ཆེ་དེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ། གཙུག་དགའ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས་དེས་ཆོས་སྦྱིན་ལ་དྲིས་པ
iiif viewer powered by OpenSeadragon
250a - 251a