| | e-texts navigator
|
243a1 བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྡང་བའི།
243a2 ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དུས་མ་ཡིན་པ་ཞེས་བྱ་བ་ནི་སྲ་བརྐྱང་གི་དུས་དང་དུས་མ་ཡིན་པ་གང་ཞེ་ན། སྟོན་ཟླ་ཐ་ཆུངས་ནས་བཟུང་སྟེ
243a3 དཔྱིད་དཱུ་ར་བའི་བར་དེ་ནི་སྲ་བརྐྱང་གདིང་བའི་རུས་ཡིན་ནོ།། གལ་ཏེ་ནང་དེར་སྲ་བརྐྱང་འབྱིན་ན། དུས་མ་ཡིན་པར་སྲ་བརྐྱང་ཕྱུང་བ་ཡིན་ནོ།། དེ་ལ་སྲུང་བར་ཇི་སྐར་འགྱུར་ཞེ་ན། 58།
243a4 ཡང་དགེ་སློང་མས་དུས་མ་ཡིན་པར་ས་བརྒྱད་དེ་འབྱིན་ན།། ཐམས་ཅད་དུ་སྤང་བའི་སྲུང་བྱེད་དུ་འགྱུར་རོ།། གལ་ཏེ་ཆོམ་རྐུན་པས་གཏོགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཡིན་ན་སྲུང་བ་མེད་དོ།།
243a5 ཐང་བའི་སྲུང་བྱེད་ཉི་ཤུ་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་སྲ་བརྐྱང་དབྱུང་བའི་དུས་སུ་སྲ་བརྐྱང་མ་བྱུང་བ་དང་དེ་ལ་དགེ་སློང་མ
243a6 རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མསྲ་བརྐྱང་འབྱུང་བའི་དུས་ལ་བབ་ན། ཁྱོད་ཀྱིས་ཅིའི་སླད་དུ་ས་བརྐྱང་མི་དབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན
243a7 པས་ཁོ་མོས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ།། དེ་ནས་དགེ་སློང་མ་དེ་རྣམས་ཝ་བརྐྱང་གི་དུས་ལས་འདས་ཏེ། ཐ་གོས་མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་དོང་བ་དང་། དགེ་སློང་མེདག
iiif viewer powered by OpenSeadragon
242b - 243b