| | e-texts navigator
|
242b1 སྤང་བའི་ལྟུང་བྱེད་ཉི་ཤུ་གཅིག་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་སོར་ཟླ་ཐ་ཆུངས་ཚེས་ལ།།
242b2 སྲ་བརྐྱང་བཏིང་མ་ཐག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་སྲ་བརྐྱང་དབྱུང་གིས་ཚུར་ཤོག། སྲ་བརྐྱང་ཕྱུང་ན་གྲུབ་པ་དང་བདེ་བ་མང་པོ་འབྱུང་ངོ་།། དེ་དག་གིས་འདི
242b3 སྐད་ཅེས་སྨྲས་སོ།། བདག་ཅག་གིས་དུས་མ་ཡིན་པར་སྲ་བརྐྱང་མི་འབྱིན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ན། ཁོ་མོས་ཅི་སྲ་བརྐྱང་དབྱུང་བའི་དུས་གང་ཡིན་པ
242b4 མི་ཤེས་སམ། དེས་དགེ་སློང་མ་དེ་དག་གིས་ཚིག་མ་མཉན་པར། དུས་མ་ཡིན་པར་སྲ་རྐྱང་ཕྱུང་ནས་རྙེད་པ་གོས་སོ།། དེ་ནས་དགེ་སློང་མ་དེ་དག་ཆོས་གོས་ལྔ་ཐོགས་ཏེ་ལྗོངས་རྒྱུང་ཞིང་དོང་བ་དང
242b5 དེ་ནས་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། འཕགས་མ་དག་ཁྱེད་ཀྱིས་སྲ་བརྐྱང་བཏིང་བ་ཚང་ངམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་ནི་མི་ཤེས་མོད་ཀྱི
242b6 འཕགས་པ་སྦོམ་དགའ་མོ་ན་རེ་འདི་སྐད་ཅེས། ལོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ་ཞེས་ཟེར་རོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྦས་སོ།། ཁྱེད་ཅག་གིས་སྲ་བརྐྱང
242b7 བྱུང་ངམ།། དེ་དག་གིས་བྱུང་ངོ་ཞེས་སྨྲས་པ་ན། དོན་ཆུང་བའི་དགེ་སློང་མ་རྣམས་སྤོང་བར་བྱེད་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས
iiif viewer powered by OpenSeadragon
242a - 243a