| | e-texts navigator
|
241a1 གི་མཐར་ཐུག་གི་བར་བཅང་བར་བྱའོ།། དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་གོ།། དགེ་སློང་མ་ཞེས་བྱ་བ།
241a2 ན་བཅུ་གཉིས་སྡེ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ།། ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལས་ལྷག་པའོ།། དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར
241a3 རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཞག་གཅིག་ལས་འདས་པར་ལྷུང་བཟེད་ལྷག་པ་འཆང་ན་ཐམས་ཅད་དུ
241a4 སྤང་བའི་སྲུང་བྱེད་དུ་འགྱུར་རོ།། གལ་ཏེ་ལྷུང་བཟེད་སྐྱ་བོ་འཆང་ན་སྲུང་བ་མེད་དོ།། སྤང་བའི་སྲུང་བྱེད་ཉི་ཤུ་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཆོམ
241a5 ཡོད་ན་ཁྱིམ་བདག་ཅིག་གནས་པ་དེས་ཇི་ཙམ་ན་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་རྩེ་བར་བྱེད་པ་ནས། ཁྱེའུ་ཞིག་བཙས་པའི་བར་དུ་སྟེ། དེའི་མིང་འདུན་པོ་ཞེས་བྱ་བར
241a6 བཏགས་སོ།། འདོད་པ་རྣམས་ནི་ཚྭ་ཆུ་དང་འདྲ་བས་དེ་ཡང་རྩེ་བར་བྱེད་པ་ན། བུ་མོ་ཞིག་བཙས་ཏེ། དེའི་མིང་ནི་འདུན་མ་ཞེས་བྱ་བར་བཏགས་སོ།། དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་ཤི
241a7 བར་གྱུར་ཏོ།། གང་གི་ཁྱིམ་བདག་དེ་ཤི་བར་གྱུར་པ་དེའི་ཚེ། ཁྱིམ་བདག་དེའི་ཆུང་མ་མ་སྤད་གསུམ་རབ་ཏུ་བྱུང་ངོ་།། དེ་ནས་གཞོན་ནུ་འདུན་པ་དགེ་སློང་པའི་གཙུག་ལག་ཁང་ནས། དགེ་སློང་མའི་གཙུག
iiif viewer powered by OpenSeadragon
240b - 241b