| | e-texts navigator
|
240b1 སྦྱིན་པར་བྱ་ཞིང་འདི་སྐད་ཅེས་ཉན་པའི་སྨན་འདི་ཉི་མ་གཅིག་ལོ་མ་ལགས་ཀྱིས། ཉི་མ་ཇུག་ཏུ་ལོངས་སྤྱད་པར་བརྒྱའོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་ཉི་མ་གཅིག་ལུས་པའི་བར་དུ་སྟེ། དགེ་སློང
240b2 མས་ན་པའི་སྨན་སྤང་བར་གྱུར་ལ། དེ་མ་སྤངས་སམ། བྲལ་བར་མ་བྱས་སམ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ལ་ཡང་སྔ་མའི་ཤན་གྱིས་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་སྤངས་ལ་བྲལ
240b3 བ.རམ་བྱས་ཤིང་ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ།། སྤངས་ཤིང་བྲལ་བར་བྱས་ལ་ལྷུང
240b4 བབ་ཤགས་ཏེ་ལོངས་སྤྱད་ན་ལྟུང་བ་མེད་དོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་སྲུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་དགུ་པ་རྫོགས་སོ།། ། གླེང་གཞི་ན་མཉན་ཡོད
240b5 ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷུང་བཟེད་རྙེད་ཅིང་། རྙེད་པ་རྣམས་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་མ་འཁོད་པ་ལ་ཡང་འགྱེད་པར་མི་བྱེད། ཐ་ན
240b6 སྤོང་བ་ལ་ཡང་སྦྱིན་པར་མི་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན
240b7 འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག
iiif viewer powered by OpenSeadragon
240a - 241a