| | e-texts navigator
|
238b1 ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས
238b2 པའི་ཉན་ཐོས་ཀྱིས་དགེ་འདུན་གྱིའོ།། རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་པོ་གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པ་སྟེ། སྐབས་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསྔོས་པའོ་ཞེས་བྱ་བ་ནི་ཕུག།
238b3 བའོ།། གང་ཟག་བདག་གིར་བྱེད་ན་ཞེས་བྱ་བ་ནི་རང་གིར་བྱེད་ནའོ།། སྤང་བའི་སྲུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་སྲུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཤེས་བཞིན
238b4 དུ་གང་ཟག་ལ་བསྔོས་པའི་རྙེད་པ་གཞན་དུ་གང་ཟག་ལ་སྦྱར་བར་བྱེད་ན།། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་དགེ་འདུན
238b5 སྡེ་གཞན་དང་གཞན་དུ་གནས་ལ།། སྡེ་གཅིག་ལ་བསྔོས་པའི་རྙེད་པ་སྡེ་གཉིས་པ་ཤོས་ལ་སྦྱར་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང
238b6 བྱེད་དོ།། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་བསྔོས་པ། དགེ་སློང་མའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྔ་མ་བཞིན་ནོ།། དེ་བཞིན་དུ་གཉིས་ཀའི་དགེ་འདུན་ལ་བསྔོས་པ། དགེ་འདུན་སྡེ་གཅིག་ལ
238b7 སྦྱར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་སྡེ་གཅིག་ལ་བསྔོས་པ། གཉིས་ཀའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་མཆོད་རྟེན་རྣམས་ཀྱི་མེ་ཏོག་གི།
iiif viewer powered by OpenSeadragon
238a - 239a