| | e-texts navigator
|
238a1 འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ།། གོས་སྦྱིན་པའི་དུས་སུ་བཅང་བར་བྱའོ་ཞེས་བྱ་བ་ནི། གོས་སྦྱིན་པའི་དུས་ཞག་བཅུའི་དགག་དབྱེ་གང་ཡིན་པའོ།། དེ་ལས
238a2 འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དབྱར་གྱི་རྙེད་པ་ཅི་ཡང་རུང
238a3 དབྱར་གྱི་ནང་ལོགས་སུ་འགྱེད་པ་དང་། དགག་དབྱེ་ལས་འདས་པར་འཆང་ན་ཐམས་ཅད་དུ་སྤང་བའི་ལུང་བྱེད་དུ་འགྱུར་རོ།། གལ་ཏེ་གོས་སྦེད་པའི་དགེ་སློང་མ་བསྐོས་ན་ལུང་བ་མེད་དོ།། སྤང་བའི
238a4 སྲུང་བྱེད་བཅུ་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ། དགེ་འདུན་གྱི་གང་ཟག་རང་གིར་སྒྱུར་བར
238a5 བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་བླངས་ནས། གང་ཟག་གིར་སྦྱར་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ།
238a6 རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ།
238a7 བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཞིག་ཤེས་བཞིན་དུ་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།།
iiif viewer powered by OpenSeadragon
237b - 238b