e-texts navigator
Collection
Volume
Page
Wylie

236a1 སྡེ་དག་གོ།། དགེ་སྦྱོང་མ་རྣམས་ཞེས་བྱ་བ་ནི། སྤུ་གཅིག་གནས་པ་དང་ཉེ་གནས་རྣམས་སོ།། གོས་དག་བྱིན་ནས་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བ་དག་གོ
236a2 དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ།། ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡི་མ་རངས་པས་ཞེས་བྱ་བ་ནི། འཁྲུག་པ་མ་སྤངས་པར་རོ།། འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།།
236a3 འཕྲོག་ཏུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱིས། ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་མ་དེས་གོས་དེ་ཞེས་བྱ་བ་བདུན་པོ་གང་ཡང་རུང་བའི་ལྷག་མ
236a4 ཡོད་པའོ།། སར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏང་བར་བྱ་བའོ།། དེ་ལོངས་སྤྱད་ན་ཞེས་བྱ་བ་ནི། དེ་ཇི་ཙམ་གྱི་བར་ལོངས་སྤྱད་པར་གྱུར་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།།
236a5 དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང་། ཚིག་རྗོད་པར་བྱེད་པ་དང་། དེ་གཉིས་ཀ་དང་ལྡན་པའོ།། ཇི་ལྟར་ལུས་གཡོ་བར་བྱེད་པས་ཤེ་ན། ལག་པས་བཟུང་ཞིང་།
236a6 འཕྲོག་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ལུས་གཡོ་བར་བྱེད་པས་སོ།། ཇི་སྐར་ཚིག་རྗོད་པས་ཤེ་ན
236a7 ཚིག་འདི་སྐད་ཅེས་དགེ་སློང་མ་གོས་ཕྱིར་བྱིན་ཅིག་ཅེས་སྨྲས་ནས། ཇི་སྲིད་དུ་གོས་ཀྱིས་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཐལ་བ་ན་སྤང་བའི་ལྟུང་བྱེད་དེ། དེས་བུ་ནི་ཚིག




iiif viewer powered by OpenSeadragon

235b - 236b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa