| | e-texts navigator
|
223b1 བར་གྱིས་བསྐུར་བ་དག་གོ།། དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཝེ་དགའིའོ།། དེ་ནས་པོ་ཉི་ཞེས་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།།
223b2 ཞལ་ཏ་བྱེད་པ་ཀུན་དགའ་རབ་པ་འམ། དགེ་བསྙེན་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོནས་ཞེས་བྱ་བ་ནི།། རྣམ་གྲངས་དུ་མས་སོ།། དགེ་སློང་མདོ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ
223b3 དགའ་མོའོ།། གང་ར་བ་དེར་འགྲོ་བར་བྱ་སྟེ། ཕྱིན་ནས་ཞེས་བྱ་བ་ནི་སོན་ནས་སོ།། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འཕགས་མ་རྣམས་ཀྱི་ཞལ་ཏ་བྱེད་པ་བསྟན་པ་གང་ལགས་པ་དེ་ལ། བདག
223b4 གིས་ཡང་དག་པར་བསྟན་ལགས་ཀྱིས་བཞུད་ཅིག་དང་། དེས་ཁྱོད་ལ་གོས་བསྐོན་པར་འགྱུར་རོ་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བའོ།། རུང་བ་ཞེས་བྱ་བ་ནི་ལོངས་སྤྱད་པར་འོས་པན།།
223b5 དགེ་སློང་མ་གོས་འདོད་པ་ཞེས་བྱ་བ་ནི། གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། ལན་གཉིས་ཞེས་བྱ་བ་ནི་ལན་གཉིས་ཀྱི་བར་དུའོ།། ལན་གསུམ་དུའོ་ཞེས་བྱ།
223b6 བ་ནི་ལན་གསུམ་གྱིས་བར་དུའོ།། བསྐུལ་བར་བྱ། དྲན་པར་བྱའོ།། དོན་དེ་གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྡན་བཟང་བའོ།། ཇི་སྟེ་མ་ཐུབ་ན་ལན་བཞི། ལན་ལྔ། ལན་དྲུག་གི་མཐར་ཐུག
223b7 གི་བར་དུ་ཕྱོགས་སུ་ཅང་མི་སྦ་བར་བསྡོད་པར་བྱའོ་ཞེས་བྱ་བ་ནི། ཕྱོགས་སུ་བསྡད་པ་བཞི་དང་། བསྐུལ་བའི་སྒོ་དྲུག་པོ་དག་གིས་སོ།། ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས
iiif viewer powered by OpenSeadragon
223a - 224a