e-texts navigator
Collection
Volume
Page
Wylie

220b1 སོ་ནས་གོས་ཀྱི་རིན་དག་བསྡོགས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྡོགས་པ་འདི་དག་གིས་གོས་འདི་སྐ་བུ་སོ་སོ་བ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང
220b2 དེལ་སོ་སོ་ནས་གོས་བསྐོན་པར་བྱའོ་སྙམ་པ་ལས་དེར་གལ་ཏེ་དགེ་སློང་མ་དེ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ
220b3 ནས་གོས་ཀྱི་རིན་བསྡོགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ་ནས། གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ། གཉིས་ཀ་འདུས་ཏེ་གོས་རུང
220b4 བ་དུས་གཅིག་ཏུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན་བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི
220b5 འདི་ལ་ཡང་རྗེས་སུ་མཐུན་པར་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ་བ་ནི་རེ་རེའོ་ཞེས་བྱ་བ་ནས། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་བར་འདི
220b6 ཐདད་དུ་བྱ་བ་ཡིན་ནོ།། སྤང་བའི་སྲུང་བྱེད་བདུན་པ་རྫོགས་སོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། བཅོམ་ལྡན་འདས་ཀྱིས་ཁ་ཅིག་དགེ་སློང་ཐུན་མོང་དང་ཁ་ཅིག་དག་སློང་།
220b7 མཐུན་མོང་དང་ཁ་ཅིག་གཉིས་ཀ་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡིན་པས། འདིར་ནི་བཅོམ་ལྡན་འདས་ཀྱིས་གཉིས་ཀ་ཐུན་མོང་བ་མཛད་དེ། གང་གི་ཚེ་བཅོམ་ལྡན།




iiif viewer powered by OpenSeadragon

220a - 221a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa