e-texts navigator
Collection
Volume
Page
Wylie

220a1 གྱུ་ཀེདུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀཱར་ཤ་པ་ཏུ་ལྔར་བརྗིད་ལ། གོས་ཀ་རླག་པ་ཎ་ལྔར་འབྱུངས་ན་སྲུང་བ་མེད་དོ།། གལ་ཏེ་ལྷག་པར་སློང་ན།། སློང་བ་ན་དེ་ལ་ཉེས་བྱས་སྷོ།།
220a2 ཐོབ་ན་སྤང་བའི་སྲུང་བྱེད་དོ།། དེ་བཞིན་དུ་ཀར་ཤཱ་པ་ཎྜ་ཉི་ཤུ་རི་བའི་བར་དུ་བརྗོད་པར་བྱ་སྟེ། དེས་བུ་ནི་རིན་ཐང་ལས་སོ།། ཇི་སྐར་ཁ་དོག་སས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི
220a3 ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སྔོན་པོ་གང་ཡིན་པ་བྱིན་ལ།། གོས་སྔོན་པོ་བླངས་ན་སྲུང་བ་མེད་དོ།། གལ་ཏེ་སེར་པོ་བསླངས་ནཱཀ་སྤོང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི
220a4 ལུང་བྱེད་དོ།། སྔོན་པོ་ལ་ཇི་ལྟ་པ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་མོའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཤེ་ན། དགེ་སློང
220a5 མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། རས་ཡུག་ཆེན་ཁྲུ་ལྔ་པ་བྱིན་ལ། རས་ཡུག་ཆེན་ཁྲུ་ལྔ་པ་བླངས་ན་སྲུང་བ་མེད་དོ།། གལ་ཏེ་སྐྲག་པ་བླངས་ན
220a6 སྤོང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ།། སྣང་བའི་ལྟུང་བྱེད་དྲུག་པ་རྫོགས་སོ།། ། གླེང་གཞི་ནི་མཉ
220a7 ཡོད་ནའོ།། བྱུང་བ་འདི་ཉིད་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆད་དུ་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་སོ།




iiif viewer powered by OpenSeadragon

219b - 220b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa