| | e-texts navigator
|
209a1 གཉིས་པ། གྲུ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གྲུ་གང་ཡིན་པའོ།། དེའི་ཉེ་འཁོར་གང་ཞེ་ན། འགྲོ་བའི་ཉེ་འཁོར་འདོམ་གང་ངམ། གནས
209a2 གང་དུ་ཕུར་པ་འདེབས་པར་བྱེད་པ་དང་། གྲུ་རྟོད་པར་བྱེད་པ་དང་། རྩ་མུན་ཛ་དག་རྡུང་བར་བྱེད་པ་དང་། ཐག་པ་དག་འཁལ་བར་བྱེད་པ་དང་། རུ་སྐྱ་དག་འཇོག་པར་བྱེད་པ་དང་། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེ
209a3 སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྡང་བུའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། མུ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གླུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་རྒྱུ
209a4 མོང་ཡིན་ཞེ་ན། གྲུ་གདོང་ངོ་ཞེས་བྱ་བའི་བར་རོ།། གྲུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་རྗོད་པར་བྱའོ།། གྲུ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི
209a5 འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཀུན་དགའ་རབ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྲུན་སྒོ་བྱེ་བ་དག་གི་ཀུན་དགའ་རབ་གང་ཡིན་པའོ།།
209a6 དེའི་ཉེ་འཁོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་པོ་དག་འཁྲུ་བར་བྱེད་པ་དང་། ཐུམ་བུ་དག་འཕུར་བར་བྱེད་པ་དང་། མེ་ཏོག་དག་རྒྱུད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སུས་དག་བྱེད་པ་ཞེས་བྱ་བའི་བར་རོ།།
209a7 དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་ཉེ་འཁོར་ཐ་དད་པ་གང་ཞེ་ན།། ཀུན་དགའ་ར་བ་གང་མི་ཐ་དད་པའི་འམ། ཞེས་བྱ།
iiif viewer powered by OpenSeadragon
208b - 209b