e-texts navigator
Collection
Volume
Page
Wylie

198b1 བྱ་བའི་ཆོས་བདུན་དང་། འདུལ་བའི་གཞི་བཅུ་བདུན་དང་། ཕྲན་ཚོགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལ་འཕྲོས་པ་དང་། འདུལ་བ་སྡུ་དང་། འདུལ་བ་བཅུ་དྲུག་དང་།
198b2 བྲམ་ཟེའི་བུ་མོ་དང་། ཉེ་བར་འཁོར་གྱིས་ཞུས་པར་གཏོགས་པ་དག་ལེགས་པར་སྦྱར་བའོ།། དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པས་ཞེས་བྱ་བ་ནི། ཆོས་ཇི་ལྟ་བ་དང་།
198b3 འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟ་བུའི་ལས་གང་ཡིན་པས་སོ།། སྨྲས་པ་ན་ཞེས་བྱ་བ་ནི། བདེ་བ་ལ་སྦྱར་བ་ནའོ།། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཞེས་བྱ་བ་ནི།
198b4 དེའི་གདམས་ངག་དང་། བསྟན་པ་ལས་བདག་ཉིད་གཞན་དུ་སེལ་བའོ།། ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ་སྤ་ཞིག་ཅེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར་བཀའ་བློ་མི་བདེ་བ་ལ་འཇོག་པའོ།།
198b5 དགེ་ཡང་རུང་ཞེས་བྱ་བ་ནི་མི་དགེ་བ་ལ་འཇོད་པའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མི་སློང་བའོ།། ཁོ་མོ་ཡང་ཕུ་ནུ་མོ་རྣམས་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར
198b6 གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་སྤོང་བའོ།། དགེ་ཡང་རུང་བ་དག་ཀྱང་ཕྱུ་ནུ་མོ་དག་ལ་ཞེས་བྱ་བ་ནི་དགེ་བ་ལ་མི་འཇོག་པའོ།། སྡིག་ཀྱང་རུང་བདག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི
198b7 སྡིག་པ་ལས་མི་སློང་བའོ།། འཕགས་མ་དག་ཐོང་ཞིག་ཅེས་བྱ་བ་ནི་རིང་དུ་བོར་ཅིག་ཅེས་བྱ་བ་སྟེ། ཅི་ཁྱེད་ཅག་ཅེས་བྱ་བ་ནི་རྒྱུ་འདི་དག་གིས་བདག་གིས་རྗེས་སུ་སྟོན་པར་བསྒོས་སམ་ཞེས་བྱ་བའོ།།




iiif viewer powered by OpenSeadragon

198a - 199a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa