e-texts navigator
Collection
Volume
Page
Wylie

193b1 ཅིང་། དེ་དག་གིས་ཁྱིམ་སུན་བྱུང་བ་མཐོང་ངམ།། ཐོས་སམ། རབ་ཏུ་ཤེས་སམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས
193b2 འཕགས་མ་བདག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་ཀྱིས་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ།། ཐོས
193b3 སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་གནས་འདི་ནི་གནས་པས་ཆོག་གིས།། གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན
193b4 པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྷུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྨོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེདལ
193b5 དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས། ཀྱེ་འཕགས་མ་དག་ཁྱེད་ཅག་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ཡོད། དགེ་སློང་མ་ཁ་ཅིག
193b6 ནི་ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྨོད་པར་བྱེད་ལ། ཁ་ཅིག་ནི་སྨོད་པར་མི་བྱེད་དེ།
193b7 ཞེས་མ་ཟེར་ཅིག། འོན་ཀྱང་ཕུ་ནུ་མོ་དག་ཁོ་ན་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས




iiif viewer powered by OpenSeadragon

193a - 194a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa