| | e-texts navigator
|
192b1 སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ།། ཐོས་སམ། རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གིས་སམ་དང་།
192b2 ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐེང་ཞིག་ཅེས་བྱ་སྟེ། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་པའི་དགེ
192b3 འདུན་པུ་ནུ་མོ་དག་བདག་ལ་གསམ་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། དེ་དག་གིས་ཁྱིམ་སུན་བྱུང་བར་ཡང་མཐོང་ངམ། ཐོས་སམ།
192b4 རབ་ཏུ་ཤེས་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་སོང་སྟེ་བསྡད་པའི་ལས་བགྱིས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བགྱི་བ་ནས། འཇིགས་པས
192b5 འགྲོ་བ་ཞེས་གྱི་བའི་བར་གྱིས་གཤེ་བར་བགྱིད་ནས། དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་ག
192b6 མུག་གོ་ཞེས་བྱ་བའི་བར་དུའོ།། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུག་ནས་སྡེ་ལ་གསོལ་པ་དང་བཞིའི་མས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདོདི་ནི་དགེ་སློང་མ་ཁ་ཅིག་འདུན་པས
192b7 འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུར་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར
iiif viewer powered by OpenSeadragon
192a - 193a