| | e-texts navigator
|
192a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་བཅུག་ཉིས་སྡེས་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཞིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ།། གནས་མལ་བ
192a2 པ་བྱས་ནས། དགེ་སློང་མ་ཞིག་གིས་གསོལ་པ་བྱས་ནས་ལས་བྱའོ།། འཕགས་མའི་དགེ་འདུན་དུ་ནུ་མོ་དག་བདག་ལ་གསན་དུ་གསོལ།། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས
192a3 ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། འདི་དག་སྡིག་པའི་ཀུན་ཏུ་སྤྱོད་པར་ཡང་རབ་ཏུ་ཤེས་པའི་བར་དུ་སྟེ། དགེ་སློང་གནས་བརྟན་པས
192a4 བརྟན་རྣམས་ཀྱིས་རེ་ལྡེ་རི་དེ་དག་བསླད་པའི་ལས་བྱས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱིས་གཤེ་བར་བགྱིད་ནས།།
192a5 དེ་དག་ས་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས
192a6 མའི་དགེ་འདུན་གྱིས་དུས་ལ་དབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་མས་ཀྱིས་བསྒོ་བ་མཛད་དེ།
192a7 མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ
iiif viewer powered by OpenSeadragon
191b - 192b