e-texts navigator
Collection
Volume
Page
Wylie

176b1 ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སླད་དུ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལུས་དང་ཉེ་བའི་འཆི་ལུས་ལ
176b2 གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་དེ་མཛད་དོ།། འདི་ནི་གསོལ་པའོ།། །། བམ་པོ་བཅུ་པ། ལས་ནི་འདི་ལྟར་བྱ་སྟེ། ལན་གསུམ
176b3 དུ་བརྗོད་པ་རྒྱས་པར་བྱའོ།། དེ་ལྟར་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཁོ་ན་བདེན་གྱི། བཞན་ནི་རྨོང་པའོ་ཞེས་བྱ་བའི
176b4 བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ
176b5 བཅའ་བ་མཛད་པའི་བར་དུ་སྟེ།། ཡང་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་།། དེ་དག་འདྲེས་པར་གནས་པ་ན་རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩ་བ་ཧྲལ་བྱེད་ན། དགེ་སློང་མ
176b6 དེ་དག་ལག་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕུ་ནུ་མོ་ཁྱོད་འདྲེས་པར་མ་གནས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱིས། འཕེལ་བ་ནཱ་མ
176b7 ཡིན་པར་རིག་པར་བྱའོ།། ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་མ་དེ་དག་ལ་དེ་སྐད་ཅེས།




iiif viewer powered by OpenSeadragon

176a - 177a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa