| | e-texts navigator
|
175b1 དེ་དག་འདྲེ་བས་གནས་པ་ན། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་དོ།། དེ་གཉིས་ཤིན་ཏུ་འདྲེ་བས་གནས་པར་བྱེད་པ་ན་གདོགས་པའི་གནས་སུ་གྱུར་ཏེ། དགེ་སློང་མ་རྣམས་དོགས་པ་སྐྱེས་ནས
175b2 དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ། ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་ཅིག་ཅེས་བསྒོ་བ་ན། དེ་གཉིས་དེ་ཁོ་ན་བཞིན་དུ་འཇེ་བས་གནས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས
175b3 ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་འདྲེ་བས་གནས་པར་མ་བྱེད་ཅིག། དེ་ཅིའི་ཕྱིར
175b4 ཞེ་ན། ཁྱེད་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འཕེལ་ཞིང་འགྲིབ་པ་ཉིད་དུ་འགྱུར་བར་རིག་པར་བྱའོ།། དགེ་སློང་མ་ཁྱེད་མི་འདྲི་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད
175b5 རྣམས་མི་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བར་རིག་པར་བྱའོ་ཞེས་བཀའ་སྩལ་པ་ན། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་འདྲེ་བར་མ་བྱེད་ཅིག་ཅེས།
175b6 བསྒོན་ཡང་། དེ་ཁོ་ན་བཞིན་དུ་འདྲེ་ཞིང་གནས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས།། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས
175b7 བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱ་སྟེ།
iiif viewer powered by OpenSeadragon
175a - 176a