e-texts navigator
Collection
Volume
Page
Wylie

174b1 ལ་གཞན་ལ་ནི་སྨེ་བར་མི་བྱེད་པས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ་ཞེས་མ་ཟེར་ཅིག། དགེ་སློང་མ་འདི་དག་ནི་འདུན་པས
174b2 འགྲོ་བ་མ་ཡིན་ཏེ་ཞེ་སྡང་གྱེས་འགྲོ་བ་མ་ཡིན།། གཏི་མུག་གིས་འགྲོ་བ་མ་ཡིན།། འཇིགས་པས་འགྲོ་བ་མ་ཡིན་པས། ཁྱོད་ཀྱིས་དེ་སྐད་ཅེས་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་འོ།།
174b3 འཇིགས་པས་འགྲོ་བའོ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཟོང་ཞིག་ཅེས་བརྗོད་པར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བ
174b4 མི་བྱེད་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་སུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན
174b5 པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཇི་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང་ལན་གསུམ་གྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།།
174b6 དགེ་སློང་མ་གང་ཞེས་བྱ་བ་ནི། སྡོམ་དགའ་མོའོ།། འཐའ་མོ་བྱེད་ཅིང་གནས་ལ་ཞེས་བྱ་བ་ནི། ཕྱོགས་གཉིས་སུ་གྱུར་པ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི།། ཆོས་འདི་པ་རྣམས
174b7 ཀྱིས་སོ།། ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི། ཕྱོགས་གཉིས་སུ་མ་བྱེད་ཅིག་ཅེས་སོ།། ཁྲོས་ནས་ཞེས་བྱ་བ་ནི། ཡིད་མི་བདེ་ནས་སོ།། འདི་སྐད་ཅེས་གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག




iiif viewer powered by OpenSeadragon

174a - 175a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa