e-texts navigator
Collection
Volume
Page
Wylie

165a1 བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཤི་བར་འགྱུར་ཏ་མ། ཉམས་པར་གྱུར་ཏམ། ཁྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ
165a2 པར་འབྱེད་པ་ལས། དགེ་འདུན་ལྷག་མ་བདུན་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྡོམ་དགའ་མོ་གཅིག་པུ་ལམ་པོ་ཆེ་བཞི་མདོ་དག་ཏུ་འདུས་ནས།། དོམ་མཐུན
165a3 ཐམས་ཅད་ཆས་ནས་ལམ་དུ་ཞུགས་ཏེ་ཀ་གྲོང་ཁྱེར་ཆེན་པོ་གང་དང་གང་དུ་འགྲོ་བའི་གྲོང་ཁྱེར་ཆེན་པོ་དེ་དང་དེར། རླུང་བྲགས་དང་རྒྱང་གྲགས་ཕྱེད་ཙམ་དུ་འགྲོ་བར་བྱེད་ཅིང་ལྡེག་པར་ཡང་བྱེད་དོ།། དེ་བཞིན
165a4 དུ་ཇི་ཙམ་ན་ཉི་མ་ནུབ་པ་ན་དབྱར་ཁང་དུ་འོངས་ནས། གཞོན་རབས་དྲག་ལ་འདི་སྐད་ཅེས་སྨྲས་སོ།། ད་བདག་གི་རྒྱབ་རྫིས་ཤིག། བདག་གོ་རྐེད་པ་དང་རྩི་བ་ལོགས་རྫིས་ཤིག། དེ་དག་གིས་འདི་སྐད་ཅེས
165a5 སྨྲས་སོ།། འཕགས་མགར་བཞུད་བཞུད་། དེས་སྨྲས་པ། དེ་ཁོ་མོ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་གིས་ལམ་དུ་སོན་ཏོ།། དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་སུ་དང་ལྷན་ཅིག
165a6 ཕྱིན། དེས་སྨྲས་པ། ཁོ་མོ་གཅིག་པུའོ།། དེ་དག་གིས་སྨྲས་པ།། ཀལ་ཏེ་འགའ་ཞིག་གིས་ཁྱོ་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཙཾ་བྱར་ཡོད།། དེས་འདི་སྐད་ཅེས་གལ་ཏེ་བུ་ཟན་མོའི་བུ་དག། ང་ལ་རེག་ཏུ་འོང་ནངས
165a7 ལྷུང་བཟེད་ནག་པོས་སོ་གཅག་ཏུ་ཟད་མོས་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང




iiif viewer powered by OpenSeadragon

164b - 165b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa