e-texts navigator
Collection
Volume
Page
Wylie

164b1 གང་ནས་འོངས། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་བསྟན་པ་ནས་སོ།། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སློང་མ་སུ་ལྷན་ཅིག་སོན། དེས་སྨྲས་པ། ཁོ་མོ་གཅིག་པུ་སོན་ཏོ།།
164b2 དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། དེས་སྡུས་པ། སྤོས་འཚོང་གིས་ཁྱེའུ་གང་ཡིན་པ་རྡོག་པ་གཅིག་བརྫུན་པས། རྫིབ་མ་གཉིས་བཅག་པ
164b3 ཁྱེད་ཅག་གིས་མ་མཐོང་ངམ། དེ་དག་གིས་སྨྲས་པ། ཆུ་རྫ་ཆུའི་དོན་དུ་ཁྲོན་པར་བཅུག་པ་རྟག་རྔུ་མཁྲང་པོར་མོ་ལྡོག་གོ།། དེ་ནས་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས། བསླབ་པ
164b4 བཅས་པའི་བར་དུའོ།། ཡང་དགེ་སློང་མ་ཉིམ་པར་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན
164b5 ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉིན་པར་ཞེས་བྱ་བ་ནི་ཉི་མ་ཤྭར་ནས་སོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གནས་པར
164b6 བྱེད་ན་ཞེས་བྱ་བ་ནི། དབྱར་ཁང་ལས་གཞན་དུ་ཉི་མ་ནུབ་པར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཉིན་པར་གཅིག་པུ་ཕྱི་རོལ་ཏུ་གནས
164b7 པར་བྱེད་ན།། ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་ཏུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། དགེ་སློང་མ་དང་ཕྱི་རོལ་ཏུ་ལྷན་ཅིག་གནས་པར




iiif viewer powered by OpenSeadragon

164a - 165a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa