e-texts navigator
Collection
Volume
Page
Wylie

163b1 ལོག་གོ།། དེ་ནས་མཛའ་མོས་ཕུ་ནུ་མོ་ལ་འདི་སྐད་ཅེས་འཕགས་མ་གལ་ཏེ་ན། བདག་དེ་མོད་འགུམ་ཡང་གདས། མ་བཞུད་པར་འདིར་བཞུགས་ཤིག་ཅེས་སྨྲས་པ་དང་། དེ་ཡང་དེར་འདུག་གོ།། དེ་ནས་མཛའ་མོ
163b2 དེ་ཉིད་ཀྱི་ནུབ་མོ་དུས་ལས་འདས་སོ།། དེ་ནས་མཛའ་མོའི་ཁྱོ་མྱ་ངར་བྱ་བར་བརྩམས་པ་དང་། དེའི་གྲོགས་པོ་ཞིག་གིས་སྨྲས་པ། འདི་ནི་དེའི་ཕུ་ནུ་མོ་མཛའ་ཅན་མ་ཞེས་བྱ་བ་ཡིན་གྱིས། དེ་ཉིད་བླང་བར་གྱིས
163b3 ཤིག། དེ་ནས་མཛའ་མོའི་ཁྱོས། མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་མཛའ་ཅན་མ་སྤྲོ་ན་ཁྱིམ་འདི་དང་། མཛའ་མོའི་བུ་མོ་དག་ཡོངས་སུ་སྐྱོངས་ཤིག། མཛའ་ཅན་མ་འདི་སྙམ་དུ་གལ་ཏེ་འདི
163b4 ཅུང་ཟད་ཅིག་སྨྲས་ན། དེ་ཉིད་དུ་བདག་བརྟུལ་ཞུགས་དང་ཕྲལ་བར་འགྱུར་བས། མི་སྨྲ་བར་བྱའོ་སྙམ་དུ་བསམས་ནས།། ནམ་ཚངས་པ་དང་དེ་འགྲོ་བར་བྱས་སོ།། དེ་ནས་སྐྱེས་པ་དེས། མཛའ་ཅན་མ་ལ་འདི་སྐད
163b5 ཅེས་སྨྲས་སོ།། འཕགས་མ་ཁྱིམ་འདི་ཁྱོད་ཀྱི་ལགས་ཀྱིས་མ་བཞུད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཁྱིམ་བཙོན་ར་གྱུར་ཅིག། ཁྱོད་ཀྱི་ཁྱིམ་མེས་ཚིག་པར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་།། དེ་ལ་དགེ
163b6 སློང་མ་རྣམས་ཀྱིས། ཁྱོད་མ་དང་སུམ་ག་ལ་ཉལ་ཉལ་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་གི་ཕུ་རུ་མེ་དུས་ལས་འདས་པའི་དེ་ནའོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང
163b7 ཕྲལ་ནད་ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་གིས་ཁེ་རོག་པར་མ་འདུག་ན་དེང་ཉིད་དུ་བདག་བརྟུལ་བཞུགས་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང




iiif viewer powered by OpenSeadragon

163a - 164a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa