| | e-texts navigator
|
163a1 དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་ལ་ཞེས་བྱ་བ་ནི་གཙུག་དགའ་མོ་ལའོ།། རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ་ཞེས་བྱ་བ་ནི་འདོད་མ་ཆགས་པ་དང
163a2 ཏུ་འདོད་མ་ཆགས་པ་དང་། ཀུན་ནས་མ་དཀྲིས་པར་གྱིས་ལའོ།། སྐྱེས་པ་ཆགས་པ་ལས་ཞེས་བྱ་བ་ནི་དྲོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་ལས་སོ།། ཅུང་ཟད་བདག་གིར་གྱིས་ཞེས་བྱ།
163a3 བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལོང་ལ་བདག་གིར་གྱིས་ཤིག་པ་སྟེ། འདི་ནི་སྔ་མ་བཞིན་ནོ།། འདི་སྐད་དུ་ཟེར་ན་ཞེས་བྱ་བ་ནི་སྣ་ནའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཅུང་ཟད་ཇི་ཙམ་དུ།
163a4 དགེ་སློང་མས་དགེ་སློང་མ་ལ་འདི་སྐད་ཅེས། ཁྱོད་ཚུར་མ་ཆགས་པར་གྱུར་ནས། སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ལ་བདག་གིར་གྱིས་ཤིག་ཅེས་ཟེར་ན། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི
163a5 རྣམ་པར་བྱེད་པ་ལས། དགེ་འདུན་ལྷག་མ་ལྔ་པ་རྫོགས་སོ།། ། བམ་པོ་དགུ་པ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལ་ན
163a6 ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གིས་ཁས་བླངས་པས་བསྙིལ་བ་དེའི་ཚེ་ཀ་སྐྱེས་པས་བླངས་ནས། ཁྱིམ་གྱི་འཚོ་ཆིས་བྱེད་དུ་བཅུག་ཅིང་། དེ་དང་རྩེ་བར་བྱེད་པ་ན། བུ་དང་བུ་མོ་དག་ཀྱང
163a7 སྐྱེས་སོ།། དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པ་དང་། དེའི་ཕུ་རུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བས། དེ་ནད་ཀྱིས་ཐེབས་པར་ཐོས་ནས། བལྟ་བའི་ཕྱིར་གཅིག་པུ་སོང་སྟེ། དེས་དེ་ལ་བལྟས་ནས་སྔར
iiif viewer powered by OpenSeadragon
162b - 163b