| | e-texts navigator
|
161a1 བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྷ་བཟོ།
161a2 པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན།། དགེ་འདུན་ལྷག་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས
161a3 ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར
161a4 ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་།། དེ་དེ་ལ་སོ་སོར་ཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས།
161a5 བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ནས། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས
161a6 ཀྱི་སྲུང་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་སྦྱར་ཅིང་ཞེས་བྱ་བ་ནས།། བདག་གིས་དགེ་སློང་མ་ངས་ཕམ་པར་འགྱུར་བའི་སྲུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།།
161a7 དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་གསུམ་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ
iiif viewer powered by OpenSeadragon
160b - 161b