e-texts navigator
Collection
Volume
Page
Wylie

151a1 ནོར་ཁྱོད་ཀྱིས་དེ་ཇི་ལྟ་བུ་ཡིན། བདག་ཇི་ལྟ་བུ་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ།། བདག་གི་ཇི་བུ་ལགས་པ་བདེ་བར་གཤེགས་པས་མཁྱེན་ཏོ།། བཅོམ་ལྡན
151a2 འདས་ཀྱིས་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་དྲན་ན་དྲན་ནོ་ནས་སྨོས་ཤིག། ཁྱོད་མི་དྲན་ན་མི་དྲན་ནོ་ཞེས་སྨོས་ཤིག། བཅོམ་ལྡན་འདས་མི་དྲན་ལགས་སོ།། བདེ་བར་གཤེགས་པ་མི་དྲན་ལགས་སོ།།
151a3 དེའི་ཚེ་ཚེ་དང་ལྡན་པ་སྒྲ་གཅན་ཟིན། བཅོམ་ལྡན་འདས་ཀྱིས་སྔ་མ་ལོགས་ན་རྔ་མའི་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འི་དུག་གོ།། དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས
151a4 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ། ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཙུན་པ་འདི
151a5 ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ།། ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་། ཚུལ་དང་མཐུན་པ་མ་ལགས་སོ་ཞེས་མཆིལ། དགེ་སློང་མཛའ་བོ་དང་ས་ལས
151a6 སྐྱེས་གཉིས་ཀྱང་འདི་སྐད་ཅེས། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱིས་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན། བདག་ཅག་གཉིས
151a7 ཀྱིས་ཀྱང་འཚལ་ཏོ་ཞེས་མཆིན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་རྨ་ཅི་འཚལ།། སྒྲ་གཅན་ཟིན་དེའི་ཕྱིར། དེ་ཁྱོད་ཉིས་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ཁོ་ན་བཞིན་དུ་ལན་ཐོབ་ཅིག། གལ




iiif viewer powered by OpenSeadragon

150b - 151b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa