| | e-texts navigator
|
148b1 པ་ལ་ནི་ངན་པ་དག་སྦྱིན་པར་གནས་བརྟན་གནས་བརྟན་རྣམས་སོ།། འབྲིང་དག་སྦྱིན་པར་གཞོན་རབས་རྣམས་སོ།། བསོད་པ་དག་སྦྱིན་པར་བར་མ་རྣམས་སོ།། ཉི་མ་གསུམ་པ་ལ་ནི་བར་མ་དག་སྦྱིན་པར
148b2 གནས་བཅན་རྣམས་སོ།། ངན་པ་དག་སྦྱིན་པར་བར་མ་རྣམས་སོ།། བསོད་པ་དག་སྦྱིན་པར་གཞོན་རབས་རྣམས་ཏེ། དེ་ལྟར་ཚུལ་དེ་ལྟ་བུས་དགེ་སློང་རྣམས་ཟས་ལ་སྐོ་བར་བྱེད་དོ།། གང་དགེ་སློང་གློ་བུར་བ
148b3 གང་ཡིན་པ་དེ་དག་ཉི་མ་དང་པོ་ལ་ནི་བསོད་པ་སྦྱིན་པ་དག་ཏུའོ།། ཉི་མ་གཉིས་པ་ལ་ནི་འབྲིང་སྦྱིན་པ་དག་ཏུའོ།། ཉི་མ་གསུམ་པ་ལ་ནི་ངན་པ་སྦྱིན་པ་དག་ཏུ་སྐོ་བར་བྱེད་ཅིང་། ཉི་མ་བཞི་པ་ལ་ནི་ལམ
148b4 སྲང་གི་སྤྱོད་ཡུལ་ལ་མཁས་པར་བྱེད་དེ།། དེས་རིམ་པར་བླགས་པ་དེ་བཞིན་དུ་དགེ་འདུན་རྣམས་ཟས་ལ་བཀོད་པ་ན། རྒན་རིམས་ཇི་ལྟ་བ་བཞིན་དང་། རིམས་པར་བླགས་པ་ཇི་ལྟ་བ་བཞིན་དུ་ཐོད་རྒལ
148b5 མེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱིས་དགེ་སློང་གནས་མལ་འབོགས་པ་རྣམས་དང་། ཟས་ལ་སྒོ་བ་རྣམས་ཀྱི་ནང་ན།།
148b6 གྱད་བུ་ནོར་འདི་མཆོག་ཡིན་ནོ།། དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལྗོངས་རྒྱུ་ཞིང་འགྲོ་བ་ན། རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། དེ་གཉིས་ཀྱི་གནས
148b7 མལ་དང་གནས་ཁང་ཡང་བསྐོས་སོ།། དེ་ནས་ནམ་ནངས་པ་དང་། མཛའ་བོ་དང་ས་ལས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཟས་ལ་སྐོ་བ་སུ་ཡིན།། དགེ་སློང་ཞིག་གིས་དེ་གཉིས་ལ
iiif viewer powered by OpenSeadragon
148a - 149a