| | e-texts navigator
|
145b1 ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གནས་མ་ལ་ཕོག་པ་དང་མ་ཕོག་པར་མི་ཤེས་པའོ།།
145b2 དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་དཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་གནས་མལ་འབོག་པར་བསྐོ་བར་བྱའོ་ཞེས་བྱ་བ་ནས།
145b3 གནས་ལམ་བཤམ་པ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གྱད་བུ་ནོར་འདི་དགེ་འདུན་གྱིས་གནས་མལ་འབོག་པར་སྤྲོ་ན།། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང
145b4 བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོ་བར་བགྱིའོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་གསོལ་བའོ།། དེའི་འོག་ཏུ་ལས
145b5 ཇི་ལྟར་བ་བཞིན་དུ་བྱའོ།། གང་གི་ཚེ་གྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོངས་པར་བསྐོས་པ་དེའི་ཚེ། གནས་མལ་གཞན་དུ་བསྐོ་བར་བརྩམས་ཏེ། དེས་མདོ་སྡེ་འཛིན་པ་རྣམས་དང
145b6 མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག། མ་མོ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག། གློ་བུར་ང་རྣམས་དང་།
145b7 གློ་ངུར་བ་རྣམས་སུ་ལྷན་ཅིག། རྣལ་འབྱོར་སྤྱོད་པ་རྣམས་དང་། རྣལ་འབྱོར་སྤྱོད་པ་རྣམས་སུ་ལྷན་ཅིག། གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ་རྣམས་དང
iiif viewer powered by OpenSeadragon
145a - 146a