e-texts navigator
Collection
Volume
Page
Wylie

144b1 རིལ་བ་སྤྱི་ཐུགས་དང་། གཏུར་བུ་དང་། ཞྭ་དང་། མཆིལ་ལྷམ་དང་། གདིང་བདག་བླངས་སོ།། དེ་དག་ཀྱང་མཁན་པོའི་དྲུང་དུ་སོང་ནས་བསྙེན་བཀུར་བྱས་ཏེ། ཇི་ལྟར་ཁོར་དུ་ཆུད་པ་ནི་རྗོད་པར་བྱེད། གོང་མར།
144b2 གྱུར་པ་ནི་འདྲི་བར་བྱེད་ཅིང་། རྒྱལ་པོའི་ཁབ་གང་ན་བ་དེར་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་བྱེད་པ་དག་ཀྱང་དུ་ནོར་གྱིས་མཐོང་ངོ་།། མཐོང་ནས
144b3 ཀྱང་ནས་སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གང་དུ་དོང་། དེ་དག་གི་སྨྲས་པ། བདག་ཅག་གིས་མཁན་པོ་ནི་མཐོང་ཟིན་པས། ད་ནི་སངས
144b4 རྒྱས་བཅོམ་ལྡན་འདས་ལྟར་འགྲོའོ།། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་འདི་སྙམ་དུ། བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ནི་མཐོང
144b5 ན། གཟུགས་ཀྱི་སྐུ་ནི་མ་མཐོང་བས། བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ།། དེ་ལྟར་བསམས་ནས་ཀྱང་གྱད་བུ་ནོར་གྱིས། མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། མཁན
144b6 པོ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་རྟེན་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱིས་སྐུ་ནི་མ་མཐོང་བས། ད་ནི་གཟུགས་ཀྱི་སྐུ་ལྟ་བར་འཚལ
144b7 ལོ།། དེ་སྐད་ཅེས་སྨྲས་པ་དང་། རྟ་ཐུལ་གྱིས། གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི།། དཔེར་ན་ཨུ་དུམ་ཝ་རའི




iiif viewer powered by OpenSeadragon

144a - 145a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa