e-texts navigator
Collection
Volume
Page
Wylie

132b1 འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་།། ཚིག་གིས
132b2 འཛིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་གྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་པར་སྐྱེལ་བར་ཡང་བྱེད་ཅིང་། ལག་ཡིག་གིས་འཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན། དགེ
132b3 འདུར་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྦེང་བ་མནོས་ཏེ། ལག་ཡིག་གིས་འཕྲིན་ཕར་སྦྲེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་ཤ་མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན
132b4 ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།།
132b5 དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྡི
132b6 བ་མནོས་ཏེ། ཚིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤང་བ་མནོས་ཏེ། ཚིག་གིས་འཕྲིན་པར
132b7 ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་།། ཡུལ་ཕྱོགས




iiif viewer powered by OpenSeadragon

132a - 133a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa