e-texts navigator
Collection
Volume
Page
Wylie

132a1 ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་མཚན་མས་སོ།། ། བམ་པོ་བདུན་པ། ཆུག་སུམ་གྱིས་ནི་སྣང་བའོ།
132a2 འཕྲིན་པར་བསྐྱལ་བར་ཡང་འགྱུར་ལ། འཕྲིན་ཚུར་བསྐྱལ་བར་ཡང་འགྱུར་ཏེ། གསུམ་གང་ཞེ་ན། ཚིག་དང་། སྦྲེང་ཡིག་དང་། ལག་ཡིག་གིས་སོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ།། ཚིག་གིས
132a3 འཛིན་པར་ཡང་སྩལ་བར་བྱེད་ཅིང་། ཚིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚོགས་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་།
132a4 སྤྲིང་ཡིག་གི་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་ཕར་སྐྱེལ་བར་བྱེད་ཅིང་།། ཚིག་གིས་འཕྲིན་ཚུར་སྐྱེལ་བར་བྱེད་ན
132a5 དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤང་བ་མནོས་ཏེ། སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་འཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷགས་མར་འགྱུར་རོ།།
132a6 དགེ་སློང་མས་ཚིག་གིས་སྦྲེང་བ་མནོས་ཏེ་སྤྲིང་ཡིག་གིས་འཕྲིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་འཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང
132a7 མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་འཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་འཕྲིམ་ཚུར་ཡང་སྐྱེལ་བར་བྱེད་ན།། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གི




iiif viewer powered by OpenSeadragon

131b - 132b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa