e-texts navigator
Collection
Volume
Page
Wylie

131b1 བདག་པོ་མ་ཡིན་པ་ལ་འཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་འཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་ཧྲཱི།
131b2 བ་མནོས་ཏེ། བདག་པོ་ལ་འཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་འཕྲིན་ཚུར་ཡང་སྦྲེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། རྒྱུ་གསུམ་གྱིས་སྤྲིང་བའི
131b3 འཕྲིན་ཚུར་སྐྱེལ་བར་འགྱུར་ལ། ཕོར་སྩལ་བར་ནི་མི་འགྱུར་ཏེ། གསུམ་གང་ཞེས་ན། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་སོ།། ཇི་ལྟར་ཡུལ་ཕྱོགས་ཀྱིས་ཤེ་ན། གང་གི་ཚེ་ཁོ་མོ་སྐྱེད་མོས
131b4 ཚལ་ལམ། འདུན་ས་འམ་ག་ལྷའི་གནས་ག་གེ་མོ་ཞིག་ན་འདུག་པ་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤེས་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ།།
131b5 ལྟར་བརྡས་ཤེ་ན། གང་གི་ཚེ་ཁོ་མོ་སྔ་དྲོ་འམ། གུང་ཚིགས་སམ། ཕྱི་འབྲེད་ན་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྡས་སོ།། ཇི་ལྟར
131b6 མཚན་མས་ཤེ་ན། གང་གི་ཚེ་ཁོ་མོ་སྐྲ་བྲེགས་ནས་རིང་པོར་མ་ལོན་པ་འམ། སྣམ་སྦྱར་དམར་སེར་གྱོན་པ་འམ། ལྷུང་བཟེད་ཞྭ་ཉེའི་དབྱར་འདབ་ཅན་ནམ། འཁར་བ་ལྕགས་སྦུབས་ཅན་ནམ།
131b7 ཞུན་མར་གྱིས་ལྷུང་བཟེད་དམ། འབྲུ་མར་གྱིས་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པ་ཁྱོད་ཀྱིས་མཐོང་བ་དེའི་ཚེ། བྱ་བ་དེ་བྱས་པར་ཁྱོད




iiif viewer powered by OpenSeadragon

131a - 132a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa