e-texts navigator
Collection
Volume
Page
Wylie

126b1 སྒྱུག་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཟབ་སྤྲོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས། ཕ་མ་ཤི་བར
126b2 བྷར་ཏམ། མིང་པོ་དང་ཕུ་ནུ་མོ་ཤི་བར་གྱུར་པ་ན། དེ་ལ་སྒྱུག་མོས་འདི་སྐད་ཅེས་བདག་གི་བུ་ལ་ལྟ་བ་ཇི་ལྟ་བར་ཁྱོད་ལ་ཡང་དེ་ལྟ་བུ་ཡིན་པས། ཁྱོད་ཀྱིས་བཟའ་བ་དང་བགོ་བ་བདག་གིས་སྦྱར་གྱིས།
126b3 མནའ་མ་དགའ་བར་གྱིས་ཤིག། མནའམ་འཇུག་པར་གྱིས་ཤིག་ཅེས་སྨྲས་ནས། བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་གྱུར
126b4 བར་བྱའོ་སྙམ་ནས། བསྲུངས། ཤིན་ཏུ་བསྲུངས། སྦས། ཤིན་ཏུ་སྦས་པར་གྱུར་པ་འདི་ནི། སྒྱུག་མོས་བསྲུངས་པ་ཞེས་བྱའོ།། སྒྱུག་མོས་བསྲུངས་པ་ཇི་ལྟ་བ་བཞིན་དུ། གྱོས་པོས་བསྲུངས་པ
126b5 ཡང་བརྗོད་པར་བྱའོ།། ཉེ་རུས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་ཁྱིམ་ཐབ་སྤྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས
126b6 པ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་ཤི་བར་གྱུར་པ་ན། དེ་ཉེ་དུའི་དྲུང་དུ་གནས་ཤིང་། དེ་ལ་ཉེ་དུ་རྣམས་ཀྱིས་བདག་ཅག་གི་འདི་ལ་འགའ་ཞིག་གིས
126b7 མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས། ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི། ཉེ་དུས




iiif viewer powered by OpenSeadragon

126a - 127a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa