| | e-texts navigator
|
116b1 རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསློབ་པ་སྨྲ་།
116b2 བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྩོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། མཐུན་པར་བྱེད་པ་སྟེན་པར་བྱེད། མཚམས་ཀྱིས་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་བྱེད
116b3 འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས། འཕགས་པ་ཁྱེད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ
116b4 འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་ཀ་སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི
116b5 སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ
116b6 རྣམས་དང་། ཅི་དྲང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བར་བྱེད་པའི་གཞི་འདི་ལྟ་བུ་ཕུ་ནུ་མོ་དག་གཏོང་དུ་སྩལ་ཏོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ།
116b7 འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ
iiif viewer powered by OpenSeadragon
116a - 117a