| | e-texts navigator
|
116a1 བགྱིད་པ་སྟོན་པར་བགྱིད་། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྲུ
116a2 སྩོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད་ཅིག། མཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས
116a3 གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྔན
116a4 རུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དེང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་བསྙེན་བཀུར་བྱའོ།། ཞེས་སྨྲ་བའི་དགེ་སློང་མ་དེ་ལ། དགེ
116a5 སྒྲེང་མ་མང་པོས་བཞམས་ཏེ་བསྒོ་ཞིང་། དགེ་སློང་མ་མང་པོས་དེ་ལ་བཞམས་ཏེ་བསྒོ་ཡ་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ།
116a6 ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ། གསོལ
116a7 བ་དང་བཞིའི་ལས་ཀྱིས་སྒོ་བ་གང་ལགས་པ་མཛད་དོ།། ཕུ་ནུ་མོ་ཁྱེད་ཅག་དགེ་སློང་འཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པཀ་འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ
iiif viewer powered by OpenSeadragon
115b - 116b