e-texts navigator
Collection
Volume
Page
Wylie

102a1 ཡོད་པ་དེར་སོང་སྟེ། དེ་ནས་འོ་མ་བླངས་ཏེ། འོ་མའི་ནང་དུ་བཙོས་ནས། བཅོས་ཟིན་པ་དང་། རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ།། བཙུན་པ་དེས་ཀྱང་དེ་ལ་བན།
102a2 གདགས་པའི་དོན་དུ་བསོད་སྙོམས་དེ་བླངས་ནས་ལུས་ཀྱིས་ཆོས་བསྟན་པའི་ཕྱིར། ངང་བའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ།། དེས་དེ་མཐོང་ནས་མཆོག་ཏུ་དད་།
102a3 པར་གྱུར་ཏེ། དགའ་བ་དང་། མགུ་བ་དང་། རངས་པའི་ཡིད་ཀྱིས་པུས་མོ་ས་ལ་བཙུགས་ཏེ། སྨོན་ལམ་བཏབ་པ། བསོད་སྙོམས་ཕུལ་ཏེ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་འདིས།
102a4 བདག་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་ང་མ་གྱུར་ཅིག། རྟག་ཏུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང་།། དེ་ནས་ཤི་འཕོས་ན་ཡང་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང
102a5 དེ་ནས་ཀྱང་སླར་ལྷ་རྣམས་ཀྱི་ནང་དུ་དང་། འདིས་ཡོན་ཏན་གྱི་ཚོགས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཀྱང་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས
102a6 པར་བྱེད་ཅིང་། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་དེའི་ཚེ་དེའི་དུས་ནག། དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ན་འདིས་ཁྲེ
102a7 རྒོད་བྲེའུ་ཆུང་གང་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས། ལན་སྟོང་དུ་བྱང་གི་སྒྲ་མི་སྙན་དུ་སྐྱེས་སོ།། ལན་སྟོང་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། ལྷ་རྣམས་ནས་ཤི་འཕོས་ནས་ཀྱང་བྲམ་ཟེའི་རིགས




iiif viewer powered by OpenSeadragon

101b - 102b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa